menu-iconlogo
huatong
huatong
Letras
Grabaciones
རྨི་ལམ་གྱི་རྟ་ཕོ་ཡར་ལ་ཞོན་ཡ

རི་ཆུ་ཡི་བར་ཐག་སྤོབས་པས་བརྒལ་ནས

སྙན་ངག་ལས་སྙན་པའི་ཕ་ཡུལ

ཨོ་་་སེམས་ཀྱི་ཟབ་སར་དྲན་ཡོད

སྨར་ཆུ་རིང་མོ་ཡི་སྣེ་མོ་དུ

དམར་སེར་ལྗང་གསུམ་གྱི་ཁྱིམ་གཞིས་སུ

ལོག་དང་ མཇལ་ཡོང་

ཞིང་ཚིགས་སྣོལ་མ་ཡི་གྲོང་ཚོ་དུ

ནས་ནག་ལེགས་སྨིན་གྱི་དུས་ཚིགས་སུ

ལོག་དང་ མཇལ་ཡོང

དེ་རིང་་་བསྐལ་བ་ཡག་ ཨོ་་་བསྐལ་བ་ཡག

ལོ་ལེགས་བྱུང་བའི་ཉིན་ལ་བསྐལ་བ་ཡག

འདིར་གོང་མ་ལྷ་ཡིས་བསྩལ་བའི་ནས་ནག་ཡོད།

འདི་མགོ་ནག་མི་ཡིས་མཆོད་པའི་ལྷ་ཟས་རེད།

འདིར་ཉི་ཟླ་ཟུང་གིས་གསོས་པའི་ནས་ནག་ཡོད།

འདི་དྲིན་ཅན་ཕ་མས་གནོངས་བའི་ལག་ཟས་རེད།

འདི་ཁྱེད་ཀྱི་ཡིད་དབང་འཁོར་སའི་པད་མ་ཡིན།

འདི་ང་ཡི་སྙན་ངག་འཐུ་སའི་པད་མ་ཡིན།

འདི་ཁྱེད་ཀྱི་སེམས་ཀྱི་ཟབ་སའི་པད་མ་ཡིན།

འདི་ང་ཡི་སྙིང་གི་ཕ་ས་པད་མ་ཡིན།

དགའ་བ་ཡི་ཆེད་དུ་ཡར་ལ་འགྲོ་ཡ

འཁོར་བ་ཡི་མཚོ་ལས་གཏན་དུ་བརྒལ་ནས

པད་མ་ལྟར་བཞད་པའི་ཕ་ཡུལ

ཨོ་་་་ལག་པའི་མཐིལ་དུ་བཀུར་ཡོད

སྨར་ཆུ་རིང་མོ་ཡི་སྣེ་མོ་དུ

དམར་སེར་ལྗང་གསུམ་གྱི་ཁྱིམ་གཞིས་སུ

ལོག་དང་ མཇལ་ཡོང་

ཞིང་ཚིགས་སྣོལ་མ་ཡི་གྲོང་ཚོ་དུ

ནས་ནག་ལེགས་སྨིན་གྱི་དུས་ཚིགས་སུ

ལོག་དང་ མཇལ་ཡོང་

དེ་རིང་་་བསྐལ་བ་ཡག་ ཨོ་་་བསྐལ་བ་ཡག

ལོ་ལེགས་བྱུང་བའི་ཉིན་ལ་བསྐལ་བ་ཡག

འདིར་གོང་མ་ལྷ་ཡིས་བསྩལ་བའི་ནས་ནག་ཡོད།

འདི་མགོ་ནག་མི་ཡིས་མཆོད་པའི་ལྷ་ཟས་རེད།

འདིར་ཉི་ཟླ་ཟུང་གིས་གསོས་པའི་ནས་ནག་ཡོད།

འདི་དྲིན་ཅན་ཕ་མས་གནོངས་བའི་ལག་ཟས་རེད།

འདི་ཁྱེད་ཀྱི་ཡིད་དབང་འཁོར་སའི་པད་མ་ཡིན།

འདི་ང་ཡི་སྙན་ངག་འཐུ་སའི་པད་མ་ཡིན།

འདི་ཁྱེད་ཀྱི་སེམས་ཀྱི་ཟབ་སའི་པད་མ་ཡིན།

འདི་ང་ཡི་སྙིང་གི་ཕ་ས་པད་མ་ཡིན།

Más De 垡ĺu0090u0089ču0080u0081çu0088ˇ/éu0098żću0096Żću00a0š

Ver todologo