menu-iconlogo
logo

GANGRIANIU

logo
Lirik
Lyricist : Dardo4vages

Composer : Dardo4vages

编曲 : Dardo4vages

གངས་རིའི་ཨ་ཉོག

Hook:

སྤྲིན་དཀར་པོ་གནམ་ཀྱི་ཁ་རྒྱན་རེད།

གངས་དཀར་བོ་ས་ཡི་གཙུག་རྒྱན་རེད།

ངའི་ཕ་ཡུལ་བསིལ་ལྡན་ཁ་བའི་ལྗོངས།

ཡུལ་འདི་སོ་ངོ་སོ་ཡར་ལ་བསྟོད།

Dun9Baby:

འགྲོ ང་མཐོ་སྒང་ནས་ཡོང་བའི་འབྲོག་ཕྲུག་ཅིག

ང་ཡིས་ཕུགས་བསམ་དེ་ཁྱེར་ནས་འགྲོ།

ང་ཐང་ཆེན་པོའི་སྒང་ནས་རྟ་ཞོན་ཤེས་མཁན་གྱི་མི་རིགས་དེ་ང་ཡི་རྒྱུད་རེད།

ང་ཡིས་རླུང་རྟ་གནམ་ལ་གཏོར།

གཡག་ལ་འདབས་ནས་བསང་དེ་གཏོང་།

ས་གཞི་ཡོད་ཚད་ཁ་བས་གཏུམས།

7Ni:

དུང་བ་ཁྲག་ལ་འདྲེས།

མ་ཡིག་གི་བློ་རྩ་དེ་ནི་བྲག་ལྟར་བརྟེན།

འུས་འགན་ཕྲག་ལ་འདྲེན།

མཐུན་སྒྲིལ་གྱི་དམ་ཚིག་ང་ཚོའི་ངག་གིས་ལེན།

ས་མཐའ་ལ་འབབ་པའི་གཙང་པོ་དེ།

རྫ་ལ་འཁྱིལ་བའི་ཆུ་མགོ

བརྡ་རྣ་ལ་འཕྲོད་པའི་ཕ་སྐད་དེ།

བླ་ལ་ཆགས་པའི་རྣམ་ཤེས།

མཁའ་ཉི་མ་ལས་དྲོ་བའི་མཁས་པའི་དབང་པོ།

རི་རབས་ལྟར་འདྲོང་བའི་མི་རིགས་ཀྱི་དཔའ་བོ།

ལྷུང་ལྷུང་དུ་འབབ་པའི་ལོ་རྒྱུས་ཀྱི་གཙང་པོ།

ཕྱི་རབས་པ་ང་ཚོའི་སྤོབས་པ་ཡིན་ལ།

སྣེ་འཁྲིད་ཀྱི་བསམ་བློའི་གཤོག་པ་ཡིན།

སྙིང་གི་འབོད་སྒྲ་ཡིན། མེས་པོའི་མཛད་པ་ཡིན།

Hook:

སྤྲིན་དཀར་པོ་གནམ་ཀྱི་ཁ་རྒྱན་རེད།

གངས་དཀར་བོ་ས་ཡི་གཙུག་རྒྱན་རེད།

ངའི་ཕ་ཡུལ་བསིལ་ལྡན་ཁ་བའི་ལྗོངས།

ཡུལ་འདི་སོ་ངོ་སོ་ཡར་ལ་བསྟོད།

YoungStunna:

ང་ནི་གངས་ལྗོངས་ཁུ་བྱུག་སྔོན་མོོས་འོད་སྣང་སྦྱིན་པའི་ཕ་སྐད་གཙང་མའི་rapperstar

ང་ནི་ཕ་ཁྱིམ་སྦྲ་ནག་ནས་འཚང་ལོངས་བྱུང་བའི་ཕ་གཞིས་གཙང་མའི་འབྲོག་པ་star

ང་ནི་ཁ་བ་བོད་པའི་རིགས་རྒྱུད་ཡིན།

ང་ནི་མཐོ་སྒང་འདི་ཡི་རྒྱུད་འཛིན་ཡིན།

Dardo4Vages:

longlive ང་ཡི་ཕ་ཡུལ།

longlive ང་ཡི་རིག་གཞུང་།

Longlive ང་ཡི་ནང་ཆོས།

Longlive ང་ཡི་གངས་ལྗོངས།

ཡུལ་ཡེ་ལ་འགྲན་ཟླ་མི་འདུག་ཟེར།

འཛམ་གླིང་ཡང་རྩེའི་རྒྱུད་རེད་ཟེར།

ཡུལ་རི་སྔོན་ཆུ་དྭངས་སྐྱིད་ལ་འཁྱོལ།

གངས་ཅན་སམ་བྷ་མངྒ་ལཾ།

དགུན་ཁ་བ་མར་ལ་འབབ་འབབ།

ངའི་སྙིང་གཏམ་ཁྱོད་ལ་ལབ་ལབ།

ཡུལ་སྤྲུན་ཟླའི་མཛའ་བརྩེ་ཟབ་ཟབ།

ངའི་ཧེ་མ་ལ་ཡའི་love love

སྒྱུ་རྩལ་གྱི་ལམ་ནས་བོད་ཀྱི་རིག་གཞུང་ངོ་སོ་ཡར་ལ་བསྟོད།

མེས་པོ་ཡི་བཞག་པའི་རིག་རྒྱུད་སྐལ་བ་མ་སྟོངས་གནས་པར་ཤོག

GANGRIANIU oleh Dardo4vages/Young Stunna - Lirik & Cover