ཆོས་དབྱངས་།
གནས་རང་སྣང་མཁའ་སྤྱོད་ཞིང་ཁམས་ནས་།།
ཆོས་ཕྱག་རྒྱ་ཆེ་ལ་མངའ་བརྙེས་པས་།།
ཕ་བཀའ་བརྒྱུད་བླ་མ་ཐམས་ཅད་ལ་།།
བུ་མོས་གུས་གདུང་བས་གསོལ་བ་འདེབས་།།
དུས་སྙིགས་མས་འགྲོ་ལ་བཀྲིན་ཅན་།།
རྗེ་བླ་མ་རྒྱལ་བ་རྡོ་རྗེ་འཆང་།།
ཆོས་དོན་བརྒྱུད་བསྟན་པའི་མངའ་བདག་མཆོག་།
ཕ་རིག་པས་རྡོ་རྗེར་གསོལ་བ་འདེབས་།།
སྐུ་མི་འགྱུར་དམ་པའི་རང་ཚུགས་ཅན་།།
གསུངས་མི་འགགས་བདེན་པའི་གནས་ལུགས་སྟོན་།།
ཐུགས་མི་གཡོ་ཆོས་སྐུའི་དགོངས་དོན་བརྙེས་།།
རྗེ་ཞྭ་དམར་པ་ལ་གསོལ་བ་འདེབས་།།
ཆོས་ཕྱི་ནང་ཀུན་ལ་སྒྲོ་འདོགས་ཆོད་།།
ཕ་བཀའ་བརྒྱུད་གོང་མའི་རྒྱལ་ས་ཟིན་།།
སྐྱབས་རྡོ་རྗེ་འཆང་དབང་ཀརྨ་པ་།།
མགོན་མཐའ་ཡས་རྡོ་རྗེར་གསོལ་བ་འདེབས་།།
སྐུ་མ་བཅོས་རྒྱལ་སྲས་སེམས་དཔའ་ཆེ་།།
གསུངས་མ་བཅོས་ཆོས་ཀྱི་བང་མཛོད་འཛིན་།།
ཐུགས་མ་བཅོས་ཕྱག་རྒྱ་ཆེ་ལ་གནས་།།
མགོན་མཐའ་ཡས་རྡོ་རྗེར་གསོལ་བ་འདེབས་།།
རྗེ་བླ་མ་མཐའ་ཡས་རྡོ་རྗེ་ཁྱེད་།།
ཆོས་མདོ་སྔགས་བསྟན་པ་སྤེལ་བ་དང་།།
མ་འགྲོ་བ་ཡོངས་ཀྱི་སྐྱབས་མགོན་དུ་།།
དུས་བསྐལ་པ་རྒྱ་མཚོར་བཞུགས་སུ་གསོལ་།།
བཀྲིན་ཆེ་།།