menu-iconlogo
huatong
huatong
anu-flylive-cover-image

FLY(Live)

Anuhuatong
paul_karen_mixhuatong
가사
기록
འཕུར་་་་་་་

འཕུར་འདོད་དུས།

འཕུར་ཡ་་་་་་

ལས་དབང་གི་གོ་ཆ་ནས་གྲོལ་ཏེ།

རང་དབང་གི་རིང་ལུགས་ལ་དགའ་ན།

ད་ནས་འཕུར་ཡ་་་་་

འཕུར་་་་འཕུར་ཡ་་་་་་་

རང་གི་རྣམ་ཤེས་ངོ་མ་དེ་འཚོལ་བསམ་ན་འཕུར་

རང་གི་ཆེས་ཐོག་མའི་རྨི་ལམ་དེ་འཚོལ་བསམ་ན་འཕུར

འཕུར་་་་འཕུར་ཡ་་་་་་་

མ་འཕུར་ན་མི་ཚེ་ཚར་རྒྱུ་རེད

མ་འཕུར་ན་རེ་བ་བརླག་རྒྱུ་རེད

འཕུར་་་་་་་་་་་་་་་་་

དེ་ནས་རང་དབང་གི་གཤོག་པ་དེ་བརྐྱངས་ནས།

དེ་ནས་ངོ་མཚར་གྱི་རྨི་ལམ་དེ་ཁྱེར་ནས།

འཁོར་བའི་རྒྱ་མཚོ་ནས་བརྒལ་ཏེ་བདེ་སྐྱིད་ཀྱི་ཞིང་ཁམས་ལ་འཕུར།

དེ་ནས་ཆེས་ཐོག་མའི་རྣམ་ཤེས་དེ་འཚོལ་ལ་འཕུར། འཕུར་ར།

འཕུར་་་་་་་

འཕུར་འདོད་དུས།

འཕུར་ཡ་་་་་་

ཆོ་མེད་པའི་འཚོ་བ་ནས་ཐར་ཏེ།

ཚེ་སྲོག་གི་ངོ་མཚར་ལ་དད་ན།

ད་ནས་འཕུར་ཡ་་་་་

འཕུར་་་་

རང་གི་ཆེས་མཛེས་པའི་འཛུམ་མདངས་དེ་འཚོལ་བསམ་ན་འཕུར།

རང་གི་ཆེས་རང་ཉིད་ངོ་མ་དེ་འཚོལ་བསམ་ན་འཕུར།

འཕུར་་་་འཕུར་ཡ་་་་་་་

མ་འཕུར་ན་མི་ཚེ་ཚར་རྒྱུ་རེད།

མ་འཕུར་ན་རེ་བ་བརླག་རྒྱུ་རེད

ལས་དབང་གི་གོ་ཆ་ནས་གྲོལ་ཏེ།

རང་དབང་གི་རིང་ལུགས་ལ་དགའ་ན་འཕུར་ར།

རང་གི་རྣམ་ཤེས་ངོ་མ་དེ་འཚོལ་བསམ་ན།

རང་གི་ཆེས་ཐོག་མའི་རྨི་ལམ་དེ་འཚོལ་བསམ་ན།

ཆོ་མེད་པའི་འཚོ་བ་ནས་ཐར་ཏེ་ཚེ་སྲོག་གི་ངོ་མཚར་ལ་དད་ན་འཕུར་ར།

རང་གི་ཆེས་མཛེས་པའི་འཛུམ་མདངས་དེ་འཚོལ་བསམ་ན།

མ་འཕུར་ན་མི་ཚེ་ཚར་རྒྱུ་རེད།

མ་འཕུར་ན་རེ་བ་བརླག་རྒྱུ་ར

དེ་ནས་རང་དབང་གི་གཤོག་པ་དེ་བརྐྱངས་ནས།

དེ་ནས་ངོ་མཚར་གྱི་རྨི་ལམ་དེ་ཁྱེར་ནས།

འཁོར་བའི་རྒྱ་མཚོ་ནས་བརྒལ་ཏེ་བདེ་སྐྱིད་ཀྱི་ཞིང་ཁམས་ལ་འཕུར།

དེ་ནས་ཆེས་ཐོག་མའི་རྣམ་ཤེས་དེ་འཚོལ་ལ་འཕུར། འཕུར་ར།

དེ་ནས་རང་དབང་གི་གཤོག་པ་དེ་བརྐྱངས་ནས།

དེ་ནས་ངོ་མཚར་གྱི་རྨི་ལམ་དེ་ཁྱེར་ནས།

འཁོར་བའི་རྒྱ་མཚོ་ནས་བརྒལ་ཏེ་བདེ་སྐྱིད་ཀྱི་ཞིང་ཁམས་ལ་འཕུར།

དེ་ནས་ཆེས་ཐོག་མའི་རྣམ་ཤེས་དེ་འཚོལ་ལ་འཕུར། འཕུར་ར།

ེདདེ་ནས་རང་དབང་གི་གཤོག་པ་དེ་བརྐྱངས་ནས།

དེ་ནས་ངོ་མཚར་གྱི་རྨི་ལམ་དེ་ཁྱེར་ནས།

འཁོར་བའི་རྒྱ་མཚོ་ནས་བརྒལ་ཏེ་བདེ་སྐྱིད་ཀྱི་ཞིང་ཁམས་ལ་འཕུར།

དེ་ནས་ཆེས་ཐོག་མའི་རྣམ་ཤེས་དེ་འཚོལ་ལ་འཕུར། འཕུར་ར།

Anu의 다른 작품

모두 보기logo