阿 斯 根 :
སྒང་དྲུག་རི་བོའི་ཤར་མཐའ།།
ཉི་ཟེར་འཛུམ་གྱིས་བསུ་བའི།།
གསེར་གྱི་རྒྱལ་རོང་ལུང་པ།།
མཚན་གཞུང་མཁར་རྫོང་ཡང་རྩེ།།
ཟླ་འོད་དུལ་གྱིས་འཐུ་བའི།།
སེམས་ཀྱི་རྒྱལ་རོང་མཛེས་མ།།
德 吉 老 爷 :
སྐུ་གཟུགས་ཙ་རིའི་སྨྱུག་མ།།
བྱད་བཞིན་ཆུ་སྐྱེས་པདྨ།།
ངང་རྒྱུད་བལ་ལས་འཇམ་པ།།
ཕྱི་ཐག་ཆུ་ལས་རིང་བ།།
གཡུང་དྲུང་མགོ་རས་གཡོགས་བ།།
སྨད་ཤམ་དངུལ་རྒྱན་འདོགས་བ།།
གསུང་དབྱངས་ཁ་བྱུག་སྔོན་མོ།།
རྩོལ་བ་གཡུ་ཆུང་སྦྲང་མ།།
སྐལ་བ་བཟང་པོའི་དུས་ལ།།
བོད་སྡེ་ཁྲ་མོར་ཕེབས་དང་།།
རྒྱལ་རོང་མ་དང་མཇལ་ནས།།
གླུ་གར་རྩེད་འཇོ་རོལ་ཤོག།
合 :
མིག་མདངས་མཁའ་ལ་རེ་བའི།།
ཟང་ཟིང་འཚོ་གཞིས་སྐྱོང་བའི།།
ཡིད་ཀྱི་རྒྱལ་རོང་མཛངས་མ།།
བརྩེ་བ་གངས་ལ་འཕྲོས་བའི།།
སྐྱེ་འགྲོ་མ་རུ་བསྒོམ་བའི།།
སེམས་ཀྱི་རྒྱལ་རོང་ལྷ་མོ།།
德 吉 老 爷 :
སྐུ་གཟུགས་ཙ་རིའི་སྨྱུག་མ།།
བྱད་བཞིན་ཆུ་སྐྱེས་པདྨ།།
ངང་རྒྱུད་བལ་ལས་འཇམ་པ།།
ཕྱི་ཐག་ཆུ་ལས་རིང་བའི།།
ཡིད་ཀྱི་རྒྱལ་རོང་མཛངས་མ།།
སེམས་ཀྱི་རྒྱལ་རོང་མཛེས་མ།།
阿 斯 根 嘉 绒 语 ):
མགོ་ལ་ཁྱུང་གི་དབུ་རྒྱན།།
སྐུ་བེར་ཁྱུང་གི་སྒྲོ་གུར།།
སྨད་ཤམ་ཁྱུང་གི་མཇུག་སྒྲོ།
སྐེད་རྒྱན་སྒྲ་སྙན་སིལ་སིལ།།
རྒྱལ་རོང་མ་ཡི་མཛེས་ཉམས།།
德 吉 老 爷 :
སྒང་དྲུག་རི་བོའི་ཤར་མཐའ།།
ཉི་ཟེར་འཛུམ་གྱིས་བསུ་བའི།།
གསེར་གྱི་རྒྱལ་རོང་ལུང་པ།།
མཚན་གཞུང་མཁར་རྫོང་ཡང་རྩེ།།
ཟླ་འོད་དུལ་གྱིས་འཐུ་བའི།།
སེམས་ཀྱི་རྒྱལ་རོང་མཛེས་མ།།
阿 斯 根 :
སྐུ་གཟུགས་ཙ་རིའི་སྨྱུག་མ།།
བྱད་བཞིན་ཆུ་སྐྱེས་པདྨ།།
ངང་རྒྱུད་བལ་ལས་འཇམ་པ།།
ཕྱི་ཐག་ཆུ་ལས་རིང་བ།།
德 吉 老 爷 :
གཡུང་དྲུང་མགོ་རས་གཡོགས་བ།།
སྨད་ཤམ་དངུལ་རྒྱན་འདོགས་བ།།
གསུང་དབྱངས་ཁ་བྱུག་སྔོན་མོ།།
རྩོལ་བ་གཡུ་ཆུང་སྦྲང་མ།།
སྐལ་བ་བཟང་པོའི་དུས་ལ།།
བོད་སྡེ་ཁྲ་མོར་ཕེབས་དང་།།
རྒྱལ་རོང་མ་དང་མཇལ་ནས།།
གླུ་གར་རྩེད་འཇོ་རོལ་ཤོག།
合 :
མིག་མདངས་མཁའ་ལ་རེ་བའི།།
ཟང་ཟིང་འཚོ་གཞིས་སྐྱོང་བའི།།
ཡིད་ཀྱི་རྒྱལ་རོང་མཛངས་མ།།
བརྩེ་བ་གངས་ལ་འཕྲོས་བའི།།
སྐྱེ་འགྲོ་མ་རུ་བསྒོམ་བའི།།
སེམས་ཀྱི་རྒྱལ་རོང་ལྷ་མོ།།
ཟང་ཟིང་འཚོ་གཞིས་སྐྱོང་བའི།།
ཡིད་ཀྱི་རྒྱལ་རོང་མཛངས་མ།།
སྐྱེ་འགྲོ་མ་རུ་བསྒོམ་བའི།།
སེམས་ཀྱི་རྒྱལ་རོང་ལྷ་མོ།།