menu-iconlogo
logo

三朵花

logo
歌詞
Lyricist : Danny-K/币艾比外

Composer : Danny-K/币艾比外/EP

编曲 : EP

Intro:རྗེ་འབོར་བ། 杰布尔瓦

རུས་པ་གསེར་གྱི་གངས་ལ་ཤ་ཁྲག་གི་རྣམ་ཤེས་ཆགས་ཤིང་།

ལོ་རྒྱུས་བཙན་རྫོང་གི་རིག་གནས་ཀྱི་རྨང་ཤིན་ཏུ་མཐུག

གངས་ཀྱི་མི་ལ་གསེར་གྱི་འོད་མདངས་རབ་ཏུ་འཕྲོ།

མཐོ་བརྗིད་གཡང་གི་དཔལ་གྱི་མཚོ་མོ་དྲག་ཏུ་འཕྱོ།

They call meགདོང་དམར་པོ་ཁ་བ་བོད་པ།

ཡ་ཆུང་ཁོག་གི་སེམས་ལྷད་མེད་པའི་མེ་ཏོག་དཀར་པོ་ལས་དྭངས་པའི་བོད་པ།

ལུག་ཁྱུ་ཡི་བདག་པོ།

རལ་གྲི་རྣོན་པོ་སྐེག་ལ་རྒྱབ། ཞོན་རྟ་གྱི་ལང་དེར་ཞོན་དུས།

ནོར་གནག་གི་བདག་པོ།

གསེར་མོ་ལྗོངས། རྒན་གྱའི་ཐང་ཆེན་གྱི་གསར་ཁོ།

DANNY K :

ཁོ་ཚོས་ང་ལ་རྩ་ཐང་གི་བདག་པོ།

ཚུར་ཤོག་ཚུར་ཤོག། Hiphopསྒང་ལ་པི་ཝང་རྟ་མགོ

ད་དེ་བྱང་ཐང་སྒང་ལ་རྒྱུག་འགྲོ་བའི་ཅང་ཤེས་རྟ་ཕོ།

གསུང་རབ་ཀྱི་གླུ་དབྱངས་ག་དུས་ཡིན་ཡང་རྒྱ་མཚོའི་ནང་དིམས་མ་འགྲོ།

ད་ནི་སྐོར་བ་རྒྱག་ང་ཚོའི་ཞབས་བྲོ་འཁྲབ།

འབྲས་བུ་དོན་དགོས་བྱུང་ན་སྔོན་ལ་ས་བོན་བཏབ།

བཟོད་སེམས་ཏོག་ཙམ་ཡོད་པ་བྱེད་དང་སེམས་པ་མ་འཚབས།

དམ་འཛིན་བྱས་དང་ཐེངས་མ་གཅིག་མ་གཞི་མེད་པའི་གོ་སྐབས།

ཇ་བསྲུབས་མའི་ཞག་ཚིལ། མེ་ཏོག་སྒང་གི་སྦྲང་རྩི།

བཅུས་ཡོད་པའི་དངོས་པོ་ཚང་མ་ངཚོས་ཉར་འཛིན།

ཚིག་དང་འབའ་ཆ་འཕྲོ་བ།

གཡུ་མཚོ་དང་གངས་རི།

འོད་དེ་ཁྱོད་ཀྱིས་བཀག་ཐུབ་མ་རེད་མགྱོགས་པོ་ཕར་ཕྱིན།

ཁོ་རེ་ཁོ་རེ་ དེ་མཐོ་བོད་ཀྱི་ནོར།

མུ་ཏིག་ནག་པོ་ལྟར་མུ་ཏིག་ནག་པོ་ལྟར་སའི་སྒང་ལ་ཐོར།

ཁོ་རེ་ཁོ་རེ་ དེ་མཐོ་བོད་ཀྱི་ནོར།

ང་ཚོས་མ་སྒྲུག་ན་ང་ཚོ་ཡི་ནོར།

They call meགདོང་དམར་པོ་ཁ་བ་བོད་པ།

ཡ་ཆུང་ཁོག་གི་སེམས་ལྷད་མེད་པའི་མེ་ཏོག་དཀར་པོ་ལས་དྭངས་པའི་བོད་པ།

ལུག་ཁྱུ་ཡི་བདག་པོ།

རལ་གྲི་རྣོན་པོ་སྐེག་ལ་རྒྱབ། ཞོན་རྟ་གྱི་ལང་དེར་ཞོན་དུས།

ནོར་གནག་གི་བདག་པོ།

They call meགདོང་དམར་པོ་ཁ་བ་བོད་པ།

ཡ་ཆུང་ཁོག་གི་སེམས་ལྷད་མེད་པའི་མེ་ཏོག་དཀར་པོ་ལས་དྭངས་པའི་བོད་པ།

ལུག་ཁྱུ་ཡི་བདག་པོ།

རལ་གྲི་རྣོན་པོ་སྐེག་ལ་རྒྱབ། ཞོན་རྟ་གྱི་ལང་དེར་ཞོན་དུས།

ནོར་གནག་གི་བདག་པོ།

གསེར་མོ་ལྗོངས། རྒན་གྱའི་ཐང་ཆེན་གྱི་གསར་ཁོ།

采样 : 三朵花

混音 : OD

母带 : OD

封面设计 : 舅舅次扎西

统筹 : 王雅丽/杨颖

出品 : 东方腔调

【未经著作权人许可 不得翻唱 翻录或使用】

三朵花 Danny K/幣艾比外/ep - 歌詞和翻唱