menu-iconlogo
logo

éu009bŞĺąąä¸u008ećąu009f河

logo
歌词
ལོ་ཟླ་བརྒྱ་ཕྲག་གི་བརྩེགས་མ།

ཁ་བ་སྟོང་ཕྲག་གི་འདབ་མ།

སེམས་པ་ཁྲི་ཕྲག་གི་ཕ་མ།

རེ་བ་འབུམ་ཕྲག་གི་དྭངས་མ།

སྲིད་པའི་མཐོ་ས་ན་མཐོན་པོ་མཐོན་པོར་འགྲེང་བའི།

ང་ཡི་གངས་དཀར་རི་བོ།

ཁྱེད་ཀྱི་གཡས་གཡོན་མིག་ཆུས་བརླན་ཡོད།

ཁྱེད་ཀྱི་ཕན་ཚུན་དུང་བས་འབྲེལ་ཡོད།

ང་རང་ཁྱེད་ཀྱི་བྱིན་རླབས་ཀྱིས་བརྒྱན་ཡོད།

ཁྱེད་ཀྱང་ང་ཡི་ཡིད་ཆེས་ཀྱིས་འཚོས་ཡོད།

ང་ཡི་གངས་རི་དཀར་པོ།

ཁ་བ་དཀར་པོ་ཁ་བའི་ལྗོངས་ལ་མཛེས་སྡུག་གིས་བབས།

ཁ་བ་རི་བོས་ཁོར་ཡུག་བསྐོར་བའི་ཁ་བའི་འཇིག་རྟེན་འདི་ན།

ངའི་ཕ་མ་དང་བུ་ཕྲུག་དང་ཕུ་ནུ་དང་མིང་སྲིང་རྣམས་ཀྱི་གཞི་ཁྱིམ་ཡོད།

ང་ཡི་གངས་རི་དཀར་པོ།

དུང་བ་དེའི་དབང་གིས།

ཞེན་ཆགས་དེའི་དབང་གིས།

ཁྱེད་ཀྱི་འཁྱག་རོམ་ལ་དྲོད་པ་ལྡན་བྱུང་།

གཟི་བརྗིད་དེའི་སྟོབས་ཀྱིས།

མཛེས་སྡུག་དེའི་དབང་གིས།

རྣམ་ཤེས་འདི་ཁྱེད་ཀྱི་ཉིན་མཚན་དུས་དྲུག་གི་ཁ་ཟས་ཡིན་སོང་།

ལོ་བརྒྱ་དང་སྟོང་དང་ཁྲི་དང་འབུག་ཕྲག་མང་བོའི་སྔོན་ནས་བཟུང་།

ང་རང་ཁྱེད་ཀྱི་པང་ནས་ངུས་མྱོང་ན་ཡང་ཆོག

ལོ་བརྒྱ་དང་སྟོང་དང་ཁྲི་དང་འབུག་ཕྲག་མང་བོའི་རྗེས་ནས།

ང་རང་ཁྱེད་ཀྱི་པང་ནས་ངུ་སྲིད་ན་ཡང་ཆོག

དེ་རིང་ངམ། ད་ལོའམ། སྐྱེ་བ་འདི་འམ། མི་ཚེ་འདིར།

ང་རང་ཁྱེད་ཀྱི་ཉེ་འདབས་ནས་སྐྱེ་ཤིང་ཉེ་འདབས་ནས་འཚོ་བཞིན་ཉེ་འདབས་ནས་ཤི་ན་འདོད།

ཤ་ཁྲག་འདིིའི་དབང་གིས།

འདོད་པ་འདིའི་དབང་གིས།

ཁྱེད་ནི་ངའི་ལེན་འདོད་པའི་གླུ་ཚིག་དང་གྱེར་འདོད་པའི་སྙན་ངག་དང་།

འགུགས་འདོད་པའི་འགྱུར་ཁུག་དེ་དང་།

ང་རང་ཁྱེད་ལ་དེ་ལྟར་དུང་མྱོང་།

ང་རང་ཁྱེད་ལ་དེ་ལྟར་དགའ་མྱོང་།

ཡ། གངས་རི་དཀར་པོའི་ར་བས་བསྐོར་བ།

སྤང་ལྗོངས་སྔོན་མོའི་སྟོད་ནས་བརྒྱན་ཞིང་།

གཙང་ཆབ་སྔོན་མོའི་མཐའ་ནས་བརྒྱན་པའི།

གོ་ལ་ས་ཡི་རྩེ་མོ་སུམ་ལྡན་ལྷ་ཡི་ཕོ་བྲང་འཇིག་རྟེན་མི་ཡི་དག་ཞིང་འདི་ན།

ཕ་མེས་པོའི་འཁྲུངས་ས་ལས་དབང་ཐང་རྒྱས་ས།

ཡ། ང་ལ་གངས་རི་ཡོད། གངས་རི་ལ་རྣམ་ཤེས་ཡོད།

ཁྱེད་ལ་གཙང་བོ་ཡོད། གཙང་བོ་ལ་སྙན་ངག་ཡོད།

ང་ལ་ཁྱེད་ཡོད། ཁྱེད་ལ་ང་ཡོད།

གངས་རི་ལགས། ཁྱེད་ནི་མ་གཞི་ནས་དཀར་པོ་ཡིན།

གཙང་བོ་ལགས། ཁྱེད་ནི་རྩ་བ་ནས་ལྷད་མེད་ཡིན།

ཁྱེད་རང་ཇེ་མཐོ་ནས་ཇེ་མཐོ་ཡོང་བའི་སྨོན་ལམ་འདེབས།

ཁྱེད་རང་ཇེ་མཐོ་ནས་ཇེ་མཐོ་ཡོང་བའི་སྨོན་ལམ་འདེབས།

ཡ། ཀི་ཀི་བསྭོ་བསྭོ་ལྷ་རྒྱལ་ལོ། །

མིག་ཆུ་བརྒྱ་ཕྲག་གི་བསིལ་མ།

ལས་དབང་སྟོང་ཕྲག་གི་ཟེགས་མ།

སེམས་པ་ཁྲི་ཕྲག་གི་ཕ་མ།

རེ་བ་འབུམ་ཕྲག་གི་དྭངས་མ།

དུས་ཀྱི་རབ་ཁ་ན་རབ་ཏུ་འཕྱོ་བའི།

ང་ཡི་གཙང་ཆབ་སྔོན་མོ།

ཁྱེད་ཀྱི་འགོ་རྔ་མིག་ཆུས་བརླན་ཡོད།

ཁྱེད་ཀྱི་ཕན་ཚུན་དུང་བས་འབྲེལ་ཡོད།

ང་རང་ཁྱེད་ཀྱི་སྙིང་སྟོབས་ཀྱིས་བརྒྱན་ཡོད།

ཁྱེད་ཀྱང་ང་ཡི་ཡིད་ཆེས་ཀྱིས་འཚོས་ཡོད།

ང་ཡི་གཙང་ཆབ་སྔོན་མོ།

éu009bŞĺąąä¸u008ećąu009f河 德吉老爷 - 歌词和翻唱