གསེར་ཕོར་རུ་ཟུང་པོ་རུ་རག་ཕོར་རུ་དངུལ་ཕོར་རུ་གཡུ་ཕོར་རུ་གཡོན་ཕོར་རུ་ཤིང་ཕོར་རུ་རྡོ་ཕོ་རུ་རྫ་ཕོར་རུ་སྐ་ཡེ་ཕོར་རུ་ཤོག་གུ་ཕོར་རུ་འགྱིག་ཕོར་རུ་ལྕག་ཕོར་རུ།
ཨ་ཕས་ཁ་ཕོར་རེ་ཡོད་ན། ལྕགས་ཕོར་རུ་དགོས་རེད་ཟེར།
ཨ་མས་སྐྱེས་ཕོ་རབས་ཡིན་ན།ལྕགས་ཕོར་རུ་དགོས་རེད་ཟེར།
ཨ་ཁུ། ཨ་ནེ། ཨ་ཞང་ཚང་མས། ལྕགས་ཕོར་རུ་མེད་ན་ཆུ་ཕོར་རུ་གང་ཟིག་ལོ་མ་རེད་ཟེར།
ལྕགས་ཕོར་རུ་རེག་ན་ལོས་དགའ། ཁྱིམ་གྱི་ཁུར་པོ་ཡང་འགྲོ།
ལྕགས་ཕོར་རུ་རེག་ན་ལོས་བཟང་། བཟང་བཟང་བྱེད་མཁན་ཇེ་མང་།
ལྕགས་ཕོར་རུ་རེག་ན་ལོས་སྐྱིད། མནའ་མ་མཛེས་མ་བསུ་ཆོག
ལྕགས་ཕོར་རུ་རག་ན་ལོས་ཡག། ཡག་ཡག་བྱེད་ནས་འགྲོ་ཆོག།
ཡིན་ནའང་ལྕགས་ཕོར་རུ་ད་ལོ་འདང་ཚད་སང་ལོ་འདང་ས་མ་རེད་སྔ་འདང་ཕྱི་འདང་མང་པོ་རྒྱག་དགོས་ས་རེད་མ་གཏོགས།
གཞེས་ནིང་བརྒྱ་ཡི་ནང་ནས་གཅིག།
ན་ནིང་སྟོང་གི་ནང་ནས་གཉིས་།
ད་ལོ་ཁྲི་ཡི་ནང་ནས་གསུམ།
ལོ་ཟླ་གང་མང་ཞིག་དེ་དང་མཉམ་དུ་བཞུར་སོང་པ་ཁྱེད་ཀྱིས་ཤེས་སམ།
ཕུགས་བསམ་གང་མང་ཞིག་དེའི་ཆེད་དུ་ཡལ་སོང་པ་ཁྱེད་ཀྱིས་ཚོར་རམ།
མི་རེ་ལ་ལས་རེ། ལས་རེ་ལ་ལམ་རེ།
ལམ་རྙེད་པའི་གོམ་དང་པོ་དེ་རང་གིས་སྤོས།
མི་རེ་ལ་བློ་རེ་བློ་རེ་ལ་སྒོ་རེ།
སྒོ་ཕྱེ་བའི་གསེར་གྱི་ལྡེ་མིག་དེ་རང་གིས་འཚོལ།
མི་རེ་ལ་ཚེ་རེ་ཚེ་རེ་ལ་རིན་རེ།
ཚེ་དེ་ཡི་དོན་ལྡན་གྱི་རིན་ཐང་རང་གིས་བསྐྲུན།
ལྕགས་ཕོར་རུ་མེད་ཀྱང། ཕུགས་བསམ་ཡོད་ཆོག
ལྕགས་ཕོར་རུ་མེད་ཀྱང། ཅི་བསམ་སྒྲུབ་ཆོག
ལྕགས་ཕོར་རུ་མེད་ཀྱང། སྙིང་རུས་ཡོད་ཆོག
ལྕགས་ཕོར་རུ་མེད་ཀྱང། སྡུག་རུས་རྒྱག་ཆོག
མི་རེ་ལ་རེ་བ་རེ་་་་་་་རེ་བ་ཡོད་དགོས་ཡོད་དགོས་སོ ད་ནས་བཟུང་་་་་་་འབད་འབད
མི་རེེ་ལ་ལམ་རེ་ཡོད། གོམ་དང་པོ་རང་གིས་སྤོ་དགོས།
མི་རེ་ལ་ཕུགས་བསམ་རེ་་་་་་་་ཕུགས་བསམ་ཡོད་དགོས་ཡོད་དགོས་སོ ད་ནས་བཟུང་་་་་་་འབད་འབད
ལམ་རེ་ལ་སྒོ་རེ་ཡོད། སྒོ་རེའི་གསེར་གྱི་ལྡེ་མིག་རང་གིས་འཚོལ།
ཁ་ཤས་ ཁ་ནས་མཁས་ ཁ་ལས་དགེ་ ཁ་བཤད་ཁོག་ནས་དཔྱད་།
ཁ་ཤས་ ཁོག་ནས་རྟོགས་ རྟོགས་ནས་འཇོག་ ཁ་བཤད་བཤད་ནས་རོགས།
ཁ་ཨེ་བདེ་མི་བདེ་ཁོག་ཨེ་རྟོགས་མི་རྟོགས་བཤད་ཨེ་ཆོག་མི་ཆོག་ཕན་ཐོགས་མི་ཐོགས།
ཁ་ནས་ཁོག་་་་་་བར་དུ་་་་་་་ཁོག་ནས་མཁས་མིན བསྟན་མི་བསྟན་་་་་་ལྟོས་ལྟོས།
སྤྱི་ཚོགས་མི་ཚོགས་སྣ་ཚོགས་དགོང་ཚོགས་ཚོགས་ས་རེད།
ས་ཚོགས་རྡོ་ཚོགས་མ་ཚོགས་ཆེད་ཚོགས་ཚོགས་དགོས་རེད།
མཐོ་ཚད་དམའ་ཚད་ག་ཚད་ཐོན་ཚད་ཐུབ་ཚད་རེད།
ཆེ་ཚད་ཆུང་ཚད་འཇོན་ཚད་ཡོད་ཚད་ནུས་ཚད་རེད།
གསེར་ཕོར་རུ་ཟངས་ཕོར་རུ་རག་ཕོར་རུ་དངུལ་ཕོར་རུ་གཡུ་ཕོར་རུ་གཡང་ཕོར་རུ།
ཤིང་ཕོར་རུ་རྡོ་ཕོར་རུ་རྫ་ཕོར་རུ་དཀར་ཕོར་རུ་ཤོག་ཕོར་རུ་འགྱིག་ཕོར་རུ་ལྕག་ཕོར་རུ།
ཕོར་རུ་རེ་ལ་གདམ་ཀ་རེ། གདམ་ཀ་རེ་ལ་མི་ཚེ་རེ།
་ཚེ་རེ་ལ་རིན་ཐང་རེ། རིན་ཐང་འདི་ལ་འདང་ཞིག་རྒྱོབས།